Стихи к Дню рождения Далай-ламы

Воплощение благородного сострадательного Авалокитешвары,
Тензин Гьяцо, которому нет равных в трёх мирах,
Победоносный во всех направлениях,
Пусть Тело и здоровье не знают увядания и разрушения и пребывают вечно.

Твоё Тело - жизненная сила народа снежного Тибета,
Твоя Речь - естественно привлекает своей искренностью,
Твой Ум - сострадание, высший благой путь сейчас и в будущем.
Вкратце, даже твоё имя - сияние всего мира.

Жизнь снежного Тибета стала известна всему миру,
Твоё сострадание заслуженно получило славу,
Поэтому, с мирской точки зрения или религиозной,
Неизмеримую доброту снова и снова вспоминаем в своём сердце.

Эти три четверостишия в год металлической крысы, в пятнадцатый день пятого тибетского месяца бродяга Сангнаг Тензин записал так, как они возникли однажды во время перерыва между сессиями [практики]. 05/07/2020

Перевод с тибетского: Марина Иванова

འཕགས་མཆོག་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས། །
བསྟན་འཛིན་རྒྱ་མཚོ་སྲིད་གསུམ་མཚུངས་པ་མེད། །
ཕྱོགས་ལས་རྣམ་པར་རྒྱལ་བ་གང་དེ་ཡི། །
སྐུ་ཚེ་མི་ཤིགས་མི་ནུབ་རྟག་བརྟན་ཤོག།

ཁྱེད་སྐུ་གངས་ཅན་བོད་མིའི་ཚེ་སྲོག་ཡིན། །
ཁྱེད་གསུང་དྲང་བདེན་ལྷ་མི་རང་འགུགས་ཡིན། །
ཁྱེད་ཐུགས་སྙིང་རྗེ་འདི་ཕྱིའི་ལམ་བཟང་མཆོག །
མདོར་ན་མཚན་ཙམ་ཀུན་གྱི་གཟི་བརྗིད་ཡིན། །

གངས་ཅན་བོད་ཀྱི་ཆོས་སྲིད་འཛམ་གླིང་ཁྱབ། །
གྲགས་པ་དོན་དང་ལྡན་པ་ཁྱེད་ཀྱི་དྲིན། །
དེས་ན་ཆོས་དང་འཇིག་རྟེན་གང་ཐད་ནས། །
གཞལ་མེད་བཀའ་དྲིན་སྙིང་ནས་ཡང་ཡང་དྲན། །

ཞེས་ཤོ་ལོ་ཀ་རྩ་བ་གསུམ་གྱི་གྲངས་ལྡན་འདི་ནི་རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ལོ་བོད་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན་རྒྱལ་ཁམས་པ་གསང་སྔགས་བསྟན་འཛིན་ནས་ཐུན་མཚམས་ཤིག་ཏུ་ཤར་མར་བྲིས་པ་དགེའོ། ། 05/07/2020