སྐྱབས་རྗེ་སྟག་ལུང་རྩེ་སྤྲུལ་བཤད་སྒྲུབ་ཕྲིན་ལས་ཉིན་བྱེད་བཟང་པོ་ (Wyl. stag lung rtse sprul bshad sgrub phrin las nyin byed bzang po) (༡༩༢༦–༢༠༡༥) ནི་སྤྱི་ལོ་ ༢༠༡༢ ལོར་རྙིང་མ་པའི་སྤྱི་ཁྱབ་ཁྲི་འཛིན་དུ་མངའ་གསོལ་བ་ཡིན། ཁོང་གིས་མཁན་པོ་ངག་ཆུང་གི་དངོས་སློབ་སྤོ་ལུ་མཁན་པོ་རྡོ་རྗེ་ལས་རྫོགས་ཆེན་གྱི་ཆོས་མཐོ་ཤོས་རྣམས་གསན། སྤྱི་ལོ་ ༢༠༡༥ ཟླ་ ༡༢ ཚེས་ ༢༣ ཉིན་རྡོ་རྗེ་གདན་དུ་དགོངས་པ་ཆོས་དབྱིངས་སུ་ཐིམ།
