ནང་དོན་ལ་མཆོང་།
གསང་སྔགས་བསྟན་འཛིན་རིན་པོ་ཆེ།
བོདENVIРУ
བོདENVIРУ
རྩ་བའི་བླ་མ་ཡོངས།
མཁན་པོ་ཚེ་དབང་བསོད་ནམས་
རྩ་བའི་བླ་མ།མཁན་པོ་ཚེ་དབང་།

མཁན་པོ་ཚེ་དབང་བསོད་ནམས་

ཐར་པ་གླིང་དགོན་པའི་བླ་མ།

མཁན་པོ་ཚེ་དབང་བསོད་ནམས་ནི་ཀློང་ཆེན་རབ་འབྱམས་ཀྱིས་འབྲུག་ཡུལ་དུ་བཏབ་པའི་དགོན་པ་གྲགས་ཅན་ཐར་པ་གླིང་གི་བླ་མ་ཡིན། ཐར་པ་གླིང་གི་བླ་མ་མ་མཛད་གོང་འབྲུག་ཡུལ་གྱི་རི་ཁྲོད་དུ་ལོ་མང་མཚམས་ལ་བཞུགས་ཤིང་། འབྲུག་ཡུལ་གྱི་ས་ཁུལ་མང་པོར་འོད་དཔག་མེད་དང་བདེ་བ་ཅན་གྱི་ཆོས་སྐོར་སྤེལ། སྤྱི་ལོ་ ༡༩༩༨ ལོར་རྣམ་གྲོལ་གླིང་དུ་མཁན་པོའི་སློབ་སྦྱོང་ལེགས་པར་མཐར་ཕྱིན་རྗེས། རྒྱ་གར་མཻ་སོར་རྣམ་གྲོལ་གླིང་སྔ་འགྱུར་རྙིང་མའི་བཤད་གྲྭ་དང་བོད་སི་ཁྲོན་དཔལ་ཡུལ་བཤད་གྲྭའི་འགན་འཛིན་མཛད། མཁན་པོ་ཚེ་དབང་གིས་ཐོག་མར་དབང་ཐང་རིན་པོ་ཆེ་ཡེ་ཤེས་རྡོ་རྗེ་དང་བླ་མ་རྒྱལ་དབང་ཉི་མ། སློབ་དཔོན་ནོར་བུ་དབང་ཕྱུག་སོགས་ལས་སློབ་གཉེར་ཐོག་མ་མཛད། དེ་རྗེས་རྒྱ་གར་དང་འབྲུག་ཡུལ་དུ་སྐྱབས་རྗེ་པད་ནོར་རིན་པོ་ཆེ་དང་སྨྱོ་ཤུལ་མཁན་པོ། བོད་དུ་མཁན་པོ་ཨ་ཆོས་དང་སྤྲུལ་སྐུ་ཐུབ་བཟང་སོགས་ལས་རྫོགས་ཆེན་གྱི་གདམས་ངག་གསན། ཁོང་ནི་དབུ་མ་ལ་འཇུག་པ་དང་མངོན་རྟོགས་རྒྱན་གྱི་འགྲེལ་པ་སོགས་བརྩམས་ཆོས་མང་པོའི་མཛད་པ་པོ་ཡིན།