ནང་དོན་ལ་མཆོང་།
གསང་སྔགས་བསྟན་འཛིན་རིན་པོ་ཆེ།
བོདENVIРУ
བོདENVIРУ
རྩ་བའི་བླ་མ་ཡོངས།
ཀཿཐོག་རྨོག་ཙ་རིན་པོ་ཆེ་
རྩ་བའི་བླ་མ།ཀཿཐོག་རྨོག་ཙ།

ཀཿཐོག་རྨོག་ཙ་རིན་པོ་ཆེ་

གསེར་ཁྲི་འཛིན་པ་ལྔའི་ཡ་གྱལ།

ཀཿཐོག་རྨོག་ཙ་འཇིགས་བྲལ་བློ་གྲོས་བསྟན་པའི་རྒྱལ་མཚན་རིན་པོ་ཆེ་ (༡༩༣༠–༢༠༢༢) ནི་གསེར་ཁྲི་འཛིན་པ་ལྔའི་ཡ་གྱལ་ཞིག་སྟེ། ཀཿཐོག་བརྒྱུད་པའི་ཡབ་ཆེན་ཞེས་བཀུར་བ་ཡིན། ཁོང་ནི་འཇོ་མདའ་རུ་གསེར་གྱི་རྟ་ལོར་འཁྲུངས། རྫོགས་ཆེན་དགོན་པའི་གྲུབ་ཐོབ་ཐུབ་བསྟན་ཆོས་རྡོར་རིན་པོ་ཆེ་དང་མཁན་པོ་ཨ་ཁུ་དབང་པོ་སོགས་ཀྱིས་རྨོག་ཙ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་མཛད་ཅིང་། ཕྱག་རྡོར་ཞེས་མཚན་གསོལ་ཏེ་ཀཿཐོག་དགོན་པར་མངའ་གསོལ་གྱི་མཛད་སྒོ་རྒྱ་ཆེན་པོ་སྤེལ།

ཁོང་གིས་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་དང་ཀཿཐོག་དགེ་རྩེ་རིན་པོ་ཆེ། འཇིགས་མེད་བསྟན་པ་རྣམ་རྒྱལ་སོགས་ལས་རྙིང་མ་པའི་བཀའ་གཏེར་གྱི་དབང་ལུང་ཡོངས་སུ་རྫོགས་པར་གསན།