སྐྱབས་མགོན་གོང་མ་ཁྲི་ཆེན་རིན་པོ་ཆེ་ (ས་སྐྱ་ཁྲི་ཆེན་) ནི་སྤྱི་ལོ་ ༢༠༡༧ ཟླ་ ༣ བར་དུ་བོད་བརྒྱུད་ནང་བསྟན་ས་སྐྱ་པའི་གདན་ས་འཛིན་པ་ ༤༡ པ་མཛད། དེ་རྗེས་གདན་སའི་འགན་དབང་ས་སྐྱ་ཁྲི་འཛིན་ ༤༢ པ་རཏྣ་བཛྲ་རིན་པོ་ཆེར་གནང་། ཁོང་ནི་དུས་རབས་བཅུ་གཅིག་དང་བཅུ་གཉིས་སུ་ས་སྐྱ་པ་གསར་དུ་བཙུགས་པའི་བོད་ཀྱི་སྐུ་དྲག་འཁོན་གྱི་གདུང་རྒྱུད་ཡིན། ༸གོང་ས་ཏཱ་ལའི་བླ་མ་མཆོག་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་ཡིན་པ་ལྟར། སྐྱབས་མགོན་ས་སྐྱ་ཁྲི་ཆེན་ནི་སངས་རྒྱས་ཀུན་གྱི་ཡེ་ཤེས་ཀྱི་རྣམ་འཕྲུལ་དུ་གྲགས།
ལོ་ངོ་ལྔ་བཅུ་ལྷག་རིང་ས་སྐྱ་པའི་དབུ་ཁྲིད་མཛད་པ་མ་ཟད། ཁོང་གི་ཆོས་འཆད་ཀྱི་གསལ་ཞིང་ཟབ་པ་དང་དབྱིན་སྐད་ལ་མཁས་པས་འཛམ་གླིང་ཡོངས་སུ་གྲགས་ཆེ། ཁོང་ལས་དངོས་སུ་ཆོས་ཞུ་བ་ན་ས་སྐྱ་པའི་གོང་མ་རྣམས་དང་འཇམ་དཔལ་དབྱངས་ཉིད་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ཁྱད་པར་ཅན་ཐོབ་པར་གྲགས།
