Losar Tashi Delek!

Losar Tashi Delek!
གནམ་ལོ་གསར་བ་སླེབ་ན་དགའ་འོས་མིན།།
འཆི་བདག་གཤིན་རྗེའི་གམ་དུ་ཇེ་ཉེ་ཡིན།།
ལོ་རྙིང་རྒྱང་དུ་བསྐྱུར་བ་སྤྲོ་འོས་མིན།།
འདས་པ་སླར་ལྡོག་མི་བྱེད་གཏན་ཏུ་ཡལ།།

There's no sense to be happy as the new year comes,
For you grow all the closer to the Lord of Death. 
There's no point in getting excited as the old year passes,
For what has passed will not return but be forever lost.

འོན་ཀྱང་འཇིག་རྟེན་གྲགས་པ་ལ་མཐུན་ཙམ།།
ངས་ཀྱང་བྱས་པས་བདེན་འཛིན་མ་ཆེ་ཨང་།།
བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས།།
དུས་གསུམ་མཉམ་པའི་ལོ་ཡིས་བཀྲ་ཤིས་ཤོག།
གསང་སྔགས་བསྟན་འཛིན་ནས་ཤར་མར་བྲིས་པ་དགེའོ།།

Yet , to merely act in harmony with the ways of the world
I too shall participate, but don't reify it too much!
Through the compassion of the Three Jewels
May this year be auspicious with the equality of the three times!

—Written spontaneously by Sangngak Tenzin. May virtue abound!

ས་ཡི་སྙིང་པོའི་ཞབས་ལ་ཕྱག་འཚལ་ལོ། །
རྒྱལ་སྤྱིའི་གངས་ཅན་བོད་ཀྱི་ལོ་སར་འདིར། །
འཛམ་གླིང་གང་སར་ཁྱབ་པའི་བོད་མི་དང་། །
དེ་དང་འབྲེལ་བའི་སྐྱེ་བོའི་ཚོགས་དེ་དག །
ཞི་བདེའི་རང་དབང་དཔལ་ལ་སྤྱོད་གྱུར་ཅིག །
གསང་སྔགས་བསྟན་འཛིན་ནས་གནམ་ལོ་གསར་བའི་སྨོན་ཚིག་ཏུ་ཕུལ་བ་དགེའོ། །

Homage to Kṣitigarbha!

During this Tibetan New Year, shared throughout the Land of Snows,
May all the Tibetan people dispersed across the entire world
As well as the groups of people who share a connection with them
Enjoy the splendor and glory that comes from peace and freedom!

This aspiration for the New Year was offered by Sangngak Tenzin. May virtue abound!