ནང་དོན་ལ་མཆོང་།
གསང་སྔགས་བསྟན་འཛིན་རིན་པོ་ཆེ།
བོདENVIРУ
བོདENVIРУ
གསུང་རྩོམ་ཚང་མ།
January 1, 2020 · ཀློག་སྐར་མ་ 1

དྲན་བཞིན་ཡོད།

དྲན་བཞིན་ཡོད།
དྲན་བཞིན་ཡོད།
བླ་མ།
གཏན་བདེ་ལམ་མཆོག་སྟོན་མཁན་བླ་མ་ཡིས། །
རྒྱུད་ལུང་མན་ངག་གནང་བ་དྲན་བཞིན་ཡོད། །
གནས་སྐབས་མི་རྟག་གཡོ་བས་སྒྲིབ་ན་ཡང་། །
ནམ་ཞིག་སྒྲིབ་མེད་འོད་གསལ་ཀློང་དུ་མཇལ། །
ཕ་མ།
ཚེ་ལུས་སྲོག་གསུམ་སྦྱིན་མཁན་ཕ་མ་ཡིས། །
དཀའ་ཚེགས་རྒྱུ་གསུམ་གནང་བ་དྲན་བཞིན་ཡོད། །
གནས་སྐབས་འདུས་མཐའ་བྲལ་བའི་ཆོས་ཅན་འདི། །
ཟད་ནས་ཟག་མེད་དབྱིངས་སུ་སླར་ཡང་འཕྲད། །
སློབ་མ།
སྐྱབས་སེམས་དད་གསུམ་འཇོག་པའི་སློབ་ཚོགས་ཀྱིས། །
འདི་ཕྱིའི་རེ་ལྟོས་བྱེད་པ་དྲན་བཞིན་ཡོད། །
གནས་སྐབས་རང་རང་ཕྱོགས་སུ་གྱེས་ན་ཡང་། །
གཏན་བདེའི་ཁང་བཟང་ཞིག་ཏུ་སླར་ཡང་འཛོམ། །
བུ་ཕྲུག
སྐྱིད་སྡུག་རེ་གསུམ་བཅང་བའི་གཅེས་ཕྲུག་གིས། །
དགའ་སྐྱོའི་རྣམ་འགྱུར་མང་བ་དྲན་བཞིན་ཡོད། །
གནས་སྐབས་ཡུལ་ཕྱོགས་གང་དུ་འགྲོ་དགོས་ཀྱང་། །
བྱམས་བརྩེའི་མཁའ་སྤྲིན་ཀློང་དུ་ཡང་ཡང་མཇལ། །
ཞེས་ཝི་ཏི་ནམ་གྱི་རྒྱལ་ས་ཧོ་ཆི་མེན་དུ། རྒྱལ་ཁམས་པ་གསང་སྔགས་བསྟན་འཛིན་ནས། 01/01/2020
མུ་མཐུད་ཀློག