<!-- DRAFT — needssanghareview. This text is originally a Tibetan composition by Sangngak Tenzin Rinpoche; the English in the source is itself a translation OF the Tibetan root verses, which are present here verbatim. For the bo edition the original Tibetan root verses are kept as the body; the English numbered renderings (I–VII) are NOT back-translated into invented Tibetan, since the authentic Tibetan source already exists above each. Verify with the sangha before publishing. -->
སྙིང་རྗེ་ཆེན་པོའི་ཞབས་ལ་ཕྱག་འཚལ་ལོ།
1
འཇིག་རྟེན་འདི་ན་དངོས་པོ་རྩ་ཆེན་དུ།།
གྲགས་པ་གསེར་དངུལ་ནོར་བུ་ཡོད་ཚད་ལས།།
དོན་གྱིས་གཅེས་པ་རང་གི་ཚེ་སྲོག་ཡིན།།
འདི་ཡོད་རིན་ཆེན་གཞན་གྱིས་དོ་ཟླ་མིན།།
2
འདི་མེད་རིན་ཆེན་ནོར་བུས་ཁྱིམ་གང་ཡང་།།
བེད་སྤྱོད་སྣ་གཅིག་མེད་པ་ཤེས་པར་མཛོད།།
དེའི་ཕྱིར་ཚེ་སྲོག་རིན་ཐང་མཁྱེན་པར་མཛོད།།
འདི་ཤེས་ཡོན་ཏན་ཀུན་གྱི་མཆོག་དེ་ཤེས།།
3
རང་གི་ཚེ་སྲོག་རིན་ཐང་ངོ་ཤེས་ནས།།
དེ་ལ་གཅེས་འཛིན་བྱེད་པ་དེ་བཞིན་དུ།།
གཞན་གྱི་ཚེ་སྲོག་དེ་ཡང་རང་དང་འདྲ།།
གཅེས་འཛིན་རིན་ཐང་གཅིག་པ་ཤེས་པར་མཛོད།།
4
རིན་ཆེན་ཚེ་སྲོག་ས་འོག་འབུ་ལ་ཡོད།།
ས་སྟེང་དུད་འགྲོ་རྣམས་ལ་སྨྲོས་ཅི་དགོས།།
དེའི་ཕྱིར་སྐྱེ་འགྲོ་སེམས་ཅན་ཐམས་ཅད་ཀྱི།།
ཚེ་སྲོག་འདྲ་མཉམ་ཡིན་པ་ཤེས་པར་མཛོད།།
5
བདེ་བ་མི་འདོད་སྲོག་ལྡན་སུ་ཡང་མེད།།
སྲོག་ལས་གལ་ཆེའི་དངོས་པོ་སྲིད་ན་མེད།།
དེའི་ཕྱིར་རིན་ཆེན་རིན་ཐང་མི་ཤེས་པར།།
མཁས་པར་རློམ་པ་རང་མཚང་ཕྱི་རུ་དྲུད།།
6
རང་གི་བདེ་སྡུག་ངལ་བ་བརྒྱ་ཕྲག་གིས།།
དོ་སྣང་མཛད་དེ་འདོར་ལེན་ཕྱོགས་སུ་བྲེལ།།
གཞན་གྱི་བདེ་སྡུག་དོ་སྣང་ཙམ་མེད་པར།།
རིན་ཆེན་ཚེ་སྲོག་འཕྲོག་པ་ཅི་ཡིས་ལན།།
7
གང་ལ་བསམ་ཡང་རྣམ་དཔྱོད་མཆོག་མངའ་བ།།
མི་ཡི་ཁྱད་ཆོས་ཡིན་ཞེས་ཀུན་གྱིས་བསྒྲགས།།
ཀུན་ལ་རིན་ཐང་ཆེ་བའི་ཚེ་སྲོག་གི །
ཡོན་ཏན་འདྲ་མཉམ་མ་ཤེས་ངོ་རེ་ཚ།།
ཞེས་པ་འདི་ཡང་གཞན་གྱི་ཚེ་སྲོག་གི་རིན་ཐང་ཙམ་ལ་མི་ད
པྱོད་པར་དཔྱོད་ལྡན་མཁས་པར་རློམ་པའི་མི་རྣམས་ཀྱིས་
སྲོག་ལྡན་གཞན་གྱི་ཚེ་སྲོག་འཕྲོག་ནས་བདེ་སྡུག་ཁྱད་
དུ་བསད་པ་ལ་ཡིད་སྐྱོ་བའི་ངང་ནས་གནས་མཆོག་མཆོད་རྟེན
་བྱ་རུང་ཁ་ཤོར་ཉེ་འགྲམ་དུ་རྒྱལ་ཁམས་པ་གསང་སྔགས་བསྟ
ན་འཛིན་ནས་ཤར་མར་བྲིས་པ་དགེའོ།།
<!-- The English colophon in the source reads: "Saddened by supposed 'scholars' who do not investigate the value of life and disregard the difference between happiness and suffering as they steal the lives of others, this was spontaneously composed by the vagrant wandered Sangngak Tenzin near the eminent Boudhanath stupa." The authentic Tibetan colophon is the block immediately above and is preserved verbatim; no back-translation is supplied. -->
༢༠༢༠་ལོའི་ཟླ་༡་ཚེས་༡༧