ནང་དོན་ལ་མཆོང་།
གསང་སྔགས་བསྟན་འཛིན་རིན་པོ་ཆེ།
བོདENVIРУ
བོདENVIРУ
གསུང་རྩོམ་ཚང་མ།
January 1, 2020 · ཀློག་སྐར་མ་ 1

ཀ་དག་རང་ཤར་གྱི་སྙན་ངག །

ཀ་དག་རང་ཤར་གྱི་སྙན་ངག །
ཀ་དག་རང་ཤར་གྱི་སྙན་ངག །
སྐྱེ་བ་དགའ་ཡང་འཆི་བའི་ཆར་གཏོགས་ཤིག །
འཆི་བ་འཇིགས་ཀྱང་ལྡོག་ཏུ་མེད་པ་ཞིག །
སྐྱེ་འཆི་སྒྱུ་མའི་ཟློས་གར་མ་རྫོགས་བར། །
དགའ་བ་བརྒྱ་ལ་སྡུག་བསྔལ་སྟོང་གི་ལམ། །
སྲིད་པ་འདི་ནི་དོན་ལ་མི་སྲིད་མོད། །
རབ་རིབ་བཞིན་དུ་རྟོག་པས་སྲིད་པར་སྣང་། །
སྣང་བ་འཁྲུལ་བའི་ན་བུན་མ་ཡལ་བར། །
འཛིན་པའི་སྡོམ་ཐག་སྲིད་ན་ཤིན་ཏུ་རིང་། །
མཛེས་མཛེས་འཇའ་ཚོན་འདྲ་ཡང་ཡུན་ཙམ་ཞིག །
སྙན་སྙན་གྲགས་པ་ཆེ་ཡང་བྲག་ཅ་བཞིན། །
མཐོ་བ་གནམ་འདྲ་སྙམ་པ་ང་རྒྱལ་ཞིག །
འདི་དོན་བསམ་ན་རེ་དོགས་དོན་མེད་ཅིག །
ཀ་དག་རིག་པ་ཡོད་པ་མ་ཤེས་འཁྲུལ་བའི་རེ་བ་སྟོང་པ་ཞིག །
བདག་གཞན་མཉམ་པས་ཐོབ་ཤོར་མེད་པ་འོང་བར་དོགས་པའི་སེམས་ཁྲལ་ཞིག །
འདི་དག་འཁོར་བའི་འཁྲུལ་སྣང་ཡིན་པས་གཞི་ནས་མེད་པའི་དོན་རྟོགས་ན། །
ཀ་དག་ལྷུན་འགྲུབ་ཟུང་དུ་འཇུག་པའི་རྫོགས་པ་ཆེན་པོ་དེ་ན་བཞུགས། །
ཞེས་ཤོ་ལོ་ཀ་བཞི་ཅན་འདི་ནི་རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ལོ་ས་ག་ཟླ་བའི་ཚེས་ཉི་ཤུ་དྲུག་ཉིན་རྒྱལ་ཁམས་པ་གསང་སྔགས་བསྟན་འཛིན་ནས་ཐུན་མཚམས་ཤིག་ཏུ་ངལ་གསོ་བའི་ཚིགས་སུ་བཅད་པ་དགེའོ། 16/06/2020
མུ་མཐུད་ཀློག